根据《甘肃省教育厅关于印发甘肃省义务教育阳光招生专项行动2025的实施方案的通知》,结合我县实际,现就做好2025年义务教育招生入学工作公告如下。
一、招生原则
2025年全县义务教育招生入学工作坚持属地管理、免试就近、全纳平等、阳光招生原则。
二、招生条件
(一)小学阶段
凡年满六周岁(2019年8月31日前,含8月31日出生)的本县户籍适龄儿童和符合条件的非本县户籍来玛人员适龄随迁子女必须依法注册入学。适龄儿童、少年因身体状况需要延缓就读义务教育学校的,其父母或者其他法定监护人应当提出申请,报县教育局教育股批准备案。各学校不得要求适龄儿童开具未入学证明。全面清理取消学前教育经历、计划生育证明、儿童疫苗接种证、超过正常入学年龄证明等无谓证明材料。
(二)初中阶段
凡2025年毕业的本县小学毕业生、在外地就读需回户籍地升学的本县户籍小学毕业生以及到本县升学的非本县户籍来玛人员随迁子女小学毕业生均免试升入本县初中学校。
三、招生计划及范围
(一)县城小学
1.县藏族寄宿制小学:招收尼玛镇范围内适龄儿童、政策性保障入学儿童、干部职工子女适龄儿童、外来务工人员子女适龄儿童,如有空学位可招生其他乡镇适龄儿童,计划招生240人,按照报名顺序招满为止。
2.县第二寄宿制藏族小学:招收其他乡镇有意愿就读的适龄儿童、尼玛镇范围内有意愿就读的适龄儿童、政策性保障入学儿童、干部职工子女适龄儿童、外来务工人员子女适龄儿童,计划招收180人,按照报名顺序招满为止。
3.县城关九年制(小学):招收本县范围内有意愿的适龄儿童,计划招生120人,按照报名顺序招满为止。
(二)各乡镇(场)小学
按照应招尽招原则,招收各乡镇(场)辖区内适龄儿童。
(三)初中
玛曲县城关九年制学校(初中部):招收本县范围内有意愿就读的六年级毕业生。
玛曲县藏族中学及玛曲县藏族中学(西校区):面向玛曲县各小学毕业生开展招生。秉持合理调配原则,由教育主管部门综合考量区域教育资源承载量、学校办学规模、生源分布等因素,科学统筹学位,公平、有序分配就读学校,保障每位学生享有合适教育资源。
四、招生时间及程序
小学阶段:
2025年7月2日—7月15日,通过甘肃省一体化政务服务平台(甘肃省政务服务网(https://zwfw.gansu.gov.cn/)、甘快办APP),统一接收我县新生报名申请,通过甘肃省智慧教育平台—中小学招生入学管理(管理端)进行审核录取。
1.网络申请(7月2日至5日)。法定监护人在规定时间内电脑端登录“甘肃政务服务网”或手机端登录“甘快办”填报申请入学信息。针对老年人、牧村群众等不熟悉在线操作的群体,各学校专人提供帮办代办服务,玛曲县政务服务中心教育窗口提供咨询帮办。具体操作请查阅“秘境玛曲”微信公众号等平台发布的《甘肃省教育入学一件事—家长端操作手册》。
2.网络审核(7月6日至8日)。学校对网上提交的入学申请信息进行审核。网络审核不通过需要修改后重新提交的,监护人应依据审核意见修改完善后在规定时间内重新提交,否则视为未进行网络入学申请。
3.现场审核(7月9日至13日)。网络“通过初审并免现场审核”的不参加现场审核。网络“初审通过”的还需监护人向申请入学学校提交有关资料进行现场审核,学校按照招生顺序进行排序。
4.录取公布(7月14日至15日)。学校按招生顺序依次进行录取,录满为止。未被录取的符合条件的适龄生,由登记学校与家长按“有学位且相对就近”的原则进行协商,县教育局统筹调配。录取结束,经县教育局审核确认后,各学校公布录取学生名单。
5.报名注册(8月23日至24日)。根据学校公布的录取名单,适龄儿童少年及法定监护人到录取学校报名注册。
初中阶段:
教育局根据学位统筹分配结果,明确学生就读学校,学生于8月23日-24日统一到校报名注册。各学校严格按照小学送中学接的原则,确保入学流程规范有序。
五、招生材料要求
详见附件2《玛曲县“教育入学一件事”所需材料清单》。
六、工作要求
(一)规范招生行为。各学校要严格执行教育部关于中小学招生入学的“十项严禁”纪律要求,严禁以任何形式进行违规招生宣传或考察学生、家长,严禁学校私自与家长、学生签订的录取协议。
(二)严格均衡编班。严格坚守班额政策底线要求,坚决防止产生大班额。要严格落实均衡编班规定,均衡配置校内教育教学资源,确保各班级生源结构均衡、师资配备均衡、办学条件均衡。不得以任何名义组织新生摸底考试,不得以任何名义分设重点班、实验班。
(三)加强学籍管理。学校不得擅自招收已被其他学校录取的学生。严格实行“一人一籍,籍随人走”,坚决制止任何学校空挂学籍或违规接收借读生,不得为未经批准录取的学生或未实际到校报到、就读的学生申报学籍。
(四)强化控辍保学。各乡镇、各学校要严格落实控辍保学制度和机制,建立失学辍学适龄儿童工作台帐,持续常态化开展控辍保学工作。父母或者其他法定监护人无正当理由未送适龄儿童少年入学接受义务教育或造成辍学,由乡镇人民政府依法追究监护人法律责任。各乡镇和各学校要积极接收持有延缓入学申请批复的超龄儿童。
(五)规范收费行为。根据国家有关政策,对城乡义务教育学生免除学杂费、免费提供教科书。任何学校不得借招生之机,以任何名目收取政策规定项目和标准以外的任何费用。
(六)坚持阳光招生。各学校畅通举报和申诉受理渠道,招生政策、招生范围、招生计划、招生程序、招生结果、咨询渠道等要向社会全面公开,坚决整治“暗箱操作”“掐尖招生”等现象,县教育局将加强全程监督监管,确保招生公平公正。
义务教育招生工作涉及广大人民群众切身利益,各学校要高度重视,切实提高政治站位,强化义务教育主体责任,严格依法履职,统筹规划教育资源,保障所有适龄儿童少年接受义务教育。纪检监察部门将全程参与和监督各项招生工作,对违反政策规定的行为及时予以纠正,对违法违规违纪的单位或个人严肃处理,对违规招生行为严肃追责。
附件:附件1 玛曲县2025年义务教育学校招生计划和咨询电话.xlsx
玛曲县教育局
2025年6月26日
སྤྱི་ལོ2025ལོའི་རྨ་ཆུ་རྫོང་གི་འོས་འགན་སློབ་གསོའི་སློབ་བསྡུའི་སྤྱི་བསྒྲགས།
《ཀན་སུའུ་ཞིང་ཆེན་སློབ་གསོ་ཐིན་གྱི་ཀན་སུའུ་ཞིང་ཆེན་གྱི་འོས་འགན་སློབ་གསོའི་སློབ་བསྡུ་བའི་ཆེད་དོན་བྱེད་སྒོའི2025ལོའི་ལག་བསྟར་ཇུས་གཞིའི་བརྡ་ཐོ》གཞིར་བཟུང་སྟེ།རང་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ2025ལོའི་འོས་འགན་སློབ་གསོའི་དུས་སྐབས་ཀྱི་སློབ་མ་བསྡུ་བའི་ལས་དོན་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།
གཅིགསློབ་བསྡུའི་རྩ་དོན།
2025ལོར་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནས་འོས་འགན་སློབ་གསོའི་སློབ་མ་བསྡུ་བའི་བྱ་བ་རྒྱུན་འཁྱོངས་བྱས་ཏེ།རྒྱུགས་མི་ལེན་པར་དྲང་བདེན་འདྲ་མཉམ་རྩ་དོན་གཞིར་འཛིན་རྒྱུ་ཡིན།
གཉིས།སློབ་བསྡུ་བའི་ཆ་རྐྱེན།
(གཅིག)སློབ་ཆུང་གི་དུས་སྐབས།
ལོ་དྲུག་ལ་སོན་པའི་(2019ལོའི་ཟླ་8ཚེས31ཉིན་གྱི་སྔོན་ལ་སྐྱེས་པ་ཡིན་དགོས།ཟླ་8ཚེས31ནང་དུ་ཚུད་)བྱིས་པ་སྟེ།རང་རྫོང་གི་ཐེམ་ཐོའི་སློབ་ལོ་རན་པའི་བྱིས་པ་དང་རྫོང་ཕྱི་ནས་འོང་བའི་སློབ་ལོ་རན་པའི་བྱིས་པ་ཚོ་ཆ་རྐྱེན་དང་མཐུན་ན་ངེས་པར་དུ་ཁྲིམས་ལྟར་སློབ་ཞུགས་མིང་ཐོ་འགོད་དགོས།སློབ་ལོ་རན་པའི་བྱིས་པ་དང་གཞོན་ནུ་སོགས་ལུས་པོའི་དགོས་དབང་གིས་སློབ་ཞུགས་ཕྱིར་འགྱངས་བྱེད་དགོས་ན།ཕ་མ་དང་ཁྲིམས་བཀོད་ལྟ་སྐྱོང་མཁན་གྱིས་ངེས་པར་དུ་སློབ་གསོ་ཅུའུ་སློབ་གསོ་ཁང་ལ་རེ་ཞུ་བྱས་ནས་ཆོག་མཆན་ཐོབ་དགོས།སློབ་གྲྭ་ཁག་གིས་སློབ་ལོ་རན་པའི་བྱིས་པ་སློབ་ཞུགས་བྱས་མེད་ཀྱང་དེ་ལ་སློབ་ཞུགས་ཀྱི་རེ་བ་དང་དཔང་ཡིག་འདོན་མི་ཆོག་ལ།ཕྱོགས་ཡོངས་ནས་སློབ་སྔོན་སློབ་གསོའི་བརྒྱུད་རིམ་དང་།འཆར་ལྡན་བུ་སྐྱེས་དཔང་ཡིག བྱིས་པ་འགོག་ཁབ་བརྒྱབ་པའི་དཔང་ཡིག སློབ་ཞུགས་ལོ་ཚད་ལས་བརྒལ་བའི་དཔང་ཡིག་སོགས་འབྲེལ་མེད་ཀྱི་རིགས་མེད་པར་བཟོ་དགོས།
(གཉིས།)དམའ་འབྲིང་དུས་སྐབས།
2025ལོར་རང་རྫོང་གི་ཁྱབ་ཁོངས་ནས་སློབ་མཐར་ཕྱིན་པའི་སློབ་མ་དང་།ས་ཆ་གཞན་ནས་སློབ་གྲྭ་འགྲིམས་ཤིང་རང་རྫོང་གི་ཐེམ་ཐོ་ཡིན་པའི་མཐར་ཕྱིན་སློབ་མ།རང་རྫོང་གི་ཐེམ་ཐོ་མ་ཡིན་པའི་ཕྱིར་ཡོང་མི་སྣའི་མཐར་ཕྱིན་སློབ་མ་སོགས་ལ་ཆ་རྐྱེན་ཅི་ཡང་མེད་པར་རང་རྫོང་གི་སློབ་འབྲིང་དུ་ཞུགས་ཆོག
གསུམ།སློབ་བསྡུ་འཆར་གཞི་དང་ཁྱབ་ཁོངས།
(གཅིག)རྫོང་གྲོང་གི་སློབ་ཆུང་།
1.རྨ་ཆུ་རྫོང་རྒྱུན་སྡོད་བོད་རིགས་སློབ་ཆུང་གིས་ཉིན་མ་གྲོང་རྡལ་གྱི་ཁྱབ་ཁོངས་ཀྱི་སློབ་ལོ་རན་པའི་བྱིས་པ་དང་།སྲིད་ཇུས་རང་བཞིན་གྱི་འགན་སྲུང་སློབ་ཞུགས་སློབ་མ།ལས་བྱེད་པ་དང་ལས་བཟོ་པའི་སློབ་ལོ་རན་པའི་བྱིས་པ།རྫོང་ཕྱི་ནས་ཡོང་བའི་ལས་གཉེར་བྱེད་མཁན་གྱི་མི་སྣའི་སློབ་ལོ་རན་པའི་བྱིས་པ་བསྡུ་འཆར་ཡོད།གལ་ཏེ་སློབ་གནས་སྟོང་བ་ཡོད་ན་ཞང་གྲོང་གཞན་གྱི་སློབ་ལོ་རན་པའི་བྱིས་པ་བསྡུ་རྒྱུ་ཡིན།འཆར་གཞི་ལྟར་ན་སློབ་མ༢༤༠བསྡུ་རྒྱུ་ཡིན་ལ།མིང་ཐོ་འགོད་པའི་གོ་རིམ་ལྟར་བསྡུ་རྒྱུ་ཡིན།
2. རྨ་ཆུ་རྫོང་རྒྱུན་སྡོད་བོད་རིགས་སློབ་ཆུང་གཉིས་པས་ཞང་དང་གྲོང་རྡལ་གཞན་དག་གི་སློབ་ལོ་རན་པའི་བྱིས་པ་དང་།ཉིན་མ་གྲོང་རྡལ་གྱི་ཁྱབ་ཁོངས་ཀྱི་སློབ་ལོ་རན་པའི་བྱིས་པ་འགྲོ་འདོད་ཡོད་པ་རྣམས་དང་། སྲིད་ཇུས་རང་བཞིན་གྱི་འགན་སྲུང་སློབ་ཞུགས་སློབ་མ།ལས་བྱེད་པ་དང་ལས་བཟོ་པའི་སློབ་ལོ་རན་པའི་བྱིས་པ། རྫོང་ཕྱི་ནས་ཡོང་བའི་ལས་གཉེར་བྱེད་མཁན་གྱི་མི་སྣའི་སློབ་ལོ་རན་པའི་བྱིས་པ་རྣམས་བསྡུ་འཆར་ཡོད་། འཆར་གཞི་ལྟར་ན་སློབ་མ༡༨༠བསྡུ་རྒྱུ་ཡིན་ལ། མིང་ཐོ་འགོད་པའི་གོ་རིམ་ལྟར་བསྡུ་རྒྱུ་ཡིན།
3.རྫོང་གྲོང་གི་ལོ་དགུའི་ལམ་ལུགས(སློབ་ཆུང་)གིས་རྫོང་མཁར་གྱི་ཁྱབ་ཁོངས་ནས་ཡིན་ཞིང་། སློབ་གྲྭ་དེ་གར་འདོད་མོས་ཡོད་པའི་སློབ་ལོ་རན་པའི་བྱིས་པ་བསྡུ་རྒྱུ་ཡིན་ལ། འཆར་གཞི་ལྟར་ན་སློབ་མ༡༢༠བསྡུ་རྒྱུ་ཡིན་ལ། མིང་ཐོ་འགོད་པའི་གོ་རིམ་ལྟར་བསྡུ་རྒྱུ་ཡིན།
(གཉིས)ཞང་གྲོང(རྨ་ཁུག་རྟ་ར་)སློབ་ཆུང་།
ཞང་གྲོང་ཁག་དང(རྨ་ཁུག་རྟ་ར་)སློབ་ཆུང་གིས་རང་ས་གནས་ཀྱི་ཁྱབ་ཁོངས་ཡིན་པའི་སློབ་ལོ་རན་པའི་བྱིས་པ་ངེས་པར་བསྡུ་བའི་རྩ་དོན་ལྟར་བསྡུ་དགོས།
(གསུམ།)དམའ་རིམ་དམའ་འབྲིང་།
1.རྨ་ཆུ་རྫོང་ལོ་དགུའི་ལམ་ལུགས་ཀྱི་སློབ་གྲྭས(དམའ་འབྲིང་སྐོར)རང་རྫོང་གི་ཁྱབ་ཁོངས་ནས་ཡིན་པའི་སློབ་ལོ་རན་པའི་བྱིས་པ་སྟེ་བསྡུ་དགོས་པ་ངེས་པར་བསྡུ་བའི་རྩ་དོན་ལྟར་བསྡུ་དགོས།
2. རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དང་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང(སློབ་ཁུལ་ནུབ་མ་)གཉིས་ཀྱིས་སློབ་ཆུང་ཁག་སོ་སོ་ནས་མཐར་ཕྱིན་པའི་སློབ་མར་ཁ་ཕྱོགས་ཏེ་སློབ་བསྡུ་བྱ་རྒྱུ་ཡིན་ལ།རྫོང་སློབ་གསོ་སྡེ་ཁག་གིས་དྲང་བདེན་འདྲ་མཉམ་དང་།ཁྲིམས་མཐུན་ལུགས་མཐུན་གྱི་རྩ་དོན་གཞིར་བཟུང་སྟེ་སློབ་གྲྭའི་གཞི་ཁྱོན་དང་སློབ་མའི་ཐོན་ཁུངས།སློབ་གསོའི་མ་དངུལ་གྱི་ཐེག་ཚད་ལ་དམིགས་ནས་སློབ་མ་རིགས་དབྱེ་དང་བགོ་བཤའ་རྒྱག་པའི་ལས་དོན་སྒྲུབ་པ་དང་སློབ་མ་ཚང་མ་སློབ་ཞུགས་ཐུབ་པར་འགན་སྲུང་བྱེད་དགོས།
བཞི།སློབ་བསྡུའི་དུས་ཚོད་དང་གོ་རིམ།
སྤྱི་ལོ2025ལོའི་ཟླ7ཚེས2ཉིན་ནས་ཟླ7ཚེས15ཉིན་བར།ཀན་སུའུ་ཞིང་ཆེན་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་(ཀན་སུའུ་ཞིང་ཆེན་སྲིད་དོན་ཞབས་ཞུའི་དྲ་བ(https://zwfw.gansu.gov.cn/)དང་ཀན་སུའུ་ཞིང་ཆེན་མགྱོགས་སྒྲུབ་འཕྲིན་སྟེགསAPP)བརྒྱུད་ནས་རང་གི་སློབ་མ་གསར་པ་གཅིག་གྱུར་གྱི་མིང་ཐོ་བཀོད་དེ་ཀན་སུའུ་ཞིང་ཆེན་གྱི་རིག་ལྡན་སློབ་གསོའི་ལས་སྟེགས་སྟེང་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་བསྡུའི་དོ་དམ་ལ་ཞིབ་དཔྱད་དང་སློབ་བསྡུ་བྱ་རྒྱུ་ཡིན།
1.དྲ་རྒྱའི་རེ་ཞུ།(སྤྱི་ཟླ7ཚེས་2ནས་ཚེས5བར།) ཁྲིམས་བཀོད་ལྟ་སྐྱོང་པས་གཏན་འཁེལ་བྱས་པའི་དུས་ཡུན་ནང་གློག་ཀླད་སྟེང་ནས“ཀན་སུའུ་སྲིད་དོན་ཞབས་ཞུའི་དྲ་བའམ”ཡང་ན་ཁ་པར་གྱི་“ཀན་སུའུ་མགྱོགས་སྒྲུབ་འཕྲིན་སྟེགས”སྟེང་ནས་མིང་ཐོ་འགོད་དགོས། ལོ་ལོན་རྒན་རྒོན་དང་འབྲོག་པ་མང་ཚོགས་སོགས་དྲ་བ་བཀོལ་སྤྱོད་ལ་ཆ་རྒྱུས་དང་བྱང་ཆ་མེད་པའི་ཚོགས་སྤྱིར་དམིགས་ནས་སློབ་གྲྭ་ཁག་གིས་ཆེད་མངགས་གྱི་མི་སྣས་རོགས་སྒྲུབ་དང་ཚབ་སྒྲུབ་ཀྱི་ཞབས་ཞུ་བྱེད་དགོས། རྨ་ཆུ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་སློབ་གསོའི་སྐར་ཁུང་ནས་བློ་འདྲི་དང་རོགས་སྒྲུབ་བྱེད་དགོས། ཞིབ་ཕྲའི་བཀོལ་སྤྱོད་ནི“གསང་ཁམས་རྨ་ཆུའི” འཕྲིན་སྟེགས་དང་སྤྱི་སྟེགས་སུ་ཁྱབ་བསྒྲགས་བྱས་པའི་ཀན་སུའུ་ཞིང་ཆེན་སློབ་ཞུགས་སློབ་གསོའི་བྱ་བ་ལས་ཁྱིམ་བདག་གི་བཀོལ་སྤྱོད་ལག་དེབ་ལ་ལྟ་ཀློག་བྱེད་དགོས།
གཉིས།དྲ་རྒྱའི་ཞིབ་བཤེར། སྤྱི་ཟླ7པའི་ཚེས6ནས་ཚེས8བར།སློབ་གྲྭས་དྲ་ཐོག་ནས་སྤྲད་པའི་སློབ་བསྡུའི་རེ་ཞུའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་།དྲ་རྒྱའི་ཞིབ་བཤེར་བྱེད་མ་ཐུབ་པས་ན་ཡང་བསྐྱར་བཟོ་བཅོས་དང་འཐུས་ཚང་དུ་བཏང་རྗེས་གཏན་འཁེལ་གྱི་དུས་ཡུན་ནང་ཡར་སྤྲོད་དགོས་ཤིང་། དུས་ཚོད་འགོར་འགྱངས་བྱས་ན་མ་སྤྲད་པར་བརྩི་རྒྱུ་ཡིན།
གསུམ།ཡུལ་དངོས་ཞིབ་བཤེར། སྤྱི་ཟླ7པའི་ཚེས9ནས13བར།
དྲ་རྒྱའི་ཐོག་མའི་ཞིབ་བཤེར་བྱས་ཟིན་ལ་ཡང་བསྐྱར་ཞིབ་བཤེར་བྱེད་མི་དགོས་པ་དག་གིས་ཡུལ་དངོས་སུ་ཞིབ་བཤེར་བྱེད་མི་དགོས། དྲ་རྒྱའི་ཐོག་མའི་ཞིབ་བཤེར་བྱས་ཟིན་པ་རྐྱང་བ་ཡིན་ན། ལྟ་སྐྱོང་བས་ད་དུང་སློབ་ཞུགས་སློབ་གྲྭར་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་སྤྲད་དེ་ཡུལ་དངོས་ནས་ཞིབ་བཤེར་གཏན་འབེབས་བྱེད་དགོས་པ་དང་། སློབ་གྲྭས་སློབ་བསྡུའི་གོ་རིམ་ལྟར་བསྒྲིགས་དགོས།
བཞི།བསྡུ་ལེན་ཁྱབ་བསྒྲགས། སྤྱི་ཟླ7པའི་ཚེས14ནས་15བར།
སློབ་གྲྭས་སློབ་མ་བསྡུ་བའི་གོ་རིམ་ལྟར་སློབ་མ་བསྡུ་རྒྱུ་དང་། བསྡུ་བའི་ཁ་གྲངས་ལོན་རྗེས་མཚམས་འཇོག་རྒྱུ། སློབ་བསྡུའི་ཆ་རྐྱེན་འཛོམས་ཤིང་སློབ་གྲྭར་བསྡུ་ལེན་མ་བྱས་པའི་སློབ་མ་ཡོད་ཚེ་སློབ་གྲྭ་དང་ཁྱིམ་བདག་གིས་སློབ་གནས་ཡོད་ལ་ལམ་ཐག་ཀྱང་ཉེ་བའི་རྩ་དོན་ལྟར་གྲོས་མོལ་བྱ་རྒྱུ་དང་སློབ་གསོ་ཅུའུ་ཡིས་གཅིག་གྱུར་གྱིས་བཀོད་སྒྲིག་བྱ་རྒྱུ། སློབ་བསྡུ་མཇུག་འགྲིལ་རྗེས་སློབ་གསོ་ཅུའུ་ཡིས་ཞིབ་བཤེར་གཏན་འབེབས་བྱེད་པ་དང་སློབ་གྲྭས་སློབ་བསྡུའི་སློབ་མའི་མིང་ཐོ་གསལ་བསྒྲགས་བྱ་རྒྱུ།
ལྔ།མིང་ཐོ་འགོད་པ།སྤྱི་ཟླ8པའི་ཚེས23ནས24བར།
སློབ་གྲྭས་ཁྱབ་བསྒྲགས་བྱས་པའི་སློབ་མའི་མིང་ཐོ་ལྟར། ཁྲིམས་བཀོད་ལྟ་སྐྱོང་བས་སློབ་མ་ཁྲིད་དེ་སློབ་གྲྭར་མིང་ཐོ་འགོད་དགོས།
དམའ་འབྲིང་དུས་སྐབས།
སློབ་གསོ་ཅུའུ་ཡིས་སློབ་གནས་གཅིག་གྱུར་གྱིས་བགོས་འབྲས་ལྟར། སློབ་མའི་སློབ་གྲྭ་གཏན་འབེབས་བྱས་ཏེ།སྤྱི་ཟླ8པའི་ཚེས23ཉིན་ནས་24ཉིན་བར་གཅིག་གྱུར་གྱིས་མིང་ཐོ་འགོད་དགོས།སློབ་ཆུང་ཁག་གིས་སློབ་ཆུང་སློབ་མ་སློབ་འབྲིང་དུ་སྐྱེལ་བའི་རྩ་དོན་ནན་གྱིས་བརྩི་སྲུང་བྱས་ཏེ་སློབ་ཞུགས་གོ་རིམ་ཚད་དང་ལྡན་པར་ཁག་ཐེག་བྱེད་དགོས།
དྲུག།སློབ་བསྡུའི་རྒྱུ་ཆ།
ཟུར་བཀོད་ཡིག་ཆ2པའི་རྨ་ཆུ་རྫོང་གི“སློབ་ཞུགས་སློབ་གསོའི་བྱ་བ”ལ་མཁོ་བའི་ཡིག་ཆའི་གསལ་ཐོ་ཞེས་པར་གསལ།
བདུན བྱ་བའི་བླང་བྱ།
(གཅིག) སློབ་བསྡུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ།
སློབ་གྲྭ་ཆུང་འབྲིང་གི་སློབ་མ་བསྡུ་བའི་སློབ་གྲྭ་ཁག་གིས་སློབ་གསོ་པུའུ་ཡིས་བཏོན་པའི་གཏན་འགོག་བཅུའི་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་གྱིས་ལག་བསྟར་བྱེད་དགོས་པ་ལས།ཐབས་གང་རུང་ལ་བརྟེན་ནས་སློབ་མ་བསྡུ་བ་ཁྱབ་བསྒྲགས་དང་།སློབ་གྲྭ་དང་ཁྱིམ་བདག་བར་གྲོས་མཐུན་ཡི་གེ་བྲིས་ཏེ་སློབ་མ་བསྡུ་བའི་རིགས་གཏན་འགོག་བྱེད་དགོས།
(གཉིས)འཛིན་གྲྭ་དོ་སྙོམས་ནན་པོ་བྱེད་དགོས།
འཛིན་གྲྭའི་གྲངས་ཚད་ནི་སྲིད་ཇུས་ཀྱི་བླང་བྱ་དང་མཐུན་དགོས་པ་དང་། འཛིན་གྲྭའི་སློབ་མའི་ཁ་གྲངས་ཇེ་མང་དུ་གཏོང་བ་གཏན་འགོག་བྱེད་དགོས།འཛིན་གྲྭ་དོ་སྙོམས་ངང་སྒྲིག་འཛུགས་བྱེད་པའི་གཏན་འབེབས་ལག་བསྟར་ནན་པོ་བྱེད་པ་དང་།སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་ཐོན་ཁུངས་དོ་སྙོམས།འཛིན་གྲྭ་ཁག་གི་སློབ་ཁུངས་གྲུབ་ཆ་དོ་སྙོམས།དགེ་རྒན་བཀོད་སྒྲིག་དོ་སྙོམས།སློབ་སྒྲུབ་ཆ་རྐྱེན་དོ་སྙོམས་བཅས་ཁག་ཐེག་བྱེད་དགོས།མིང་གང་རུང་གི་ཐོག་ནས་སློབ་མ་གསར་བ་རྩ་འཛུགས་བྱས་ཏེ་གཏིང་བཤེར་གྱི་རྒྱུགས་ལེན་པ་དང་།འཛིན་གྲྭ་གཙོ་གནད་དགར་བ་དང་ཚོད་ལྟའི་འཛིན་གྲྭ་འཛུགས་པ་སོགས་བྱེད་མི་ཆོག
(གསུམ) སློབ་ཁུངས་ཐེམ་ཐོ་དོ་དམ་ལ་ཤུགས་སྣོན་པ།
སློབ་གྲྭ་གང་ཞིག་གིས་རང་འདོད་ཀྱིས་སློབ་གྲྭ་གཞན་པས་བསྡུས་ཟིན་པའི་སློབ་མ་བསྡུ་མི་ཆོག་ལ།“མི་རེར་ཐེམ་ཐོ་རེ།ཐེམ་ཐོ་མི་དང་འགྲོགས”ཞེས་པ་ལག་ལེན་ནན་ཏན་བྱས་ཏེ།སློབ་གྲྭ་གང་རུང་གིས་སློབ་ཁུངས་ཐེམ་ཐོ་སྟོང་འཛུགས་བྱེད་པ་དང་ཁྲིམས་འགལ་གྱིས་སློབ་གཡར་སློབ་མ་དང་ལེན་བྱེད་པ་གཏན་འགོག་བྱེད་དགོས།ཆོག་མཆན་མ་ཐོབ་པའི་སློབ་མ་དང་ཡང་ན་སློབ་གྲྭར་དངོས་སུ་འབྱོར་ཐོ་བཀོད་མེད་པའི་སློབ་མ་དང་སློབ་སྦྱོང་བྱེད་བཞིན་པའི་སློབ་མར་སློབ་གྲྭས་སློབ་ཁུངས་ཐེམ་ཐོ་རེ་ཞུ་བྱེད་མི་ཆོག
(བཞི)སློབ་བྱོལ་འགོག་སྲུང་གི་ཤུགས་ཚད་ཆེ་རུ་གཏོང་དགོས།
ཞང་དང་གྲོང་རྡལ།སློབ་གྲྭ་ཁག་གིས་སློབ་བྱོལ་སློབ་མ་འགོག་སྲུང་གི་སྒྲིག་ལམ་དང་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།སློབ་ལོ་རན་པའི་སློབ་བྱོལ་སློབ་མ་དང་སློབ་བྱོལ་སློབ་མ་རྩིས་ལེན་བྱེད་པ་དང་།རྒྱུན་རྣམ་ཅན་གྱི་སློབ་བྱོལ་འགན་སྲུང་གི་བྱ་བ་རྒྱུན་མཐུད་ངང་སྤེལ་དགོས།ཕ་མ་དང་ཁྲིམས་བཀོད་ལྟ་སྐྱོང་བས་རྒྱུ་མཚན་དང་གནས་ལུགས་ཅི་ཡང་མེད་པར་སློབ་ལོ་རན་པའི་བྱིས་པ་འོས་འགན་སློབ་གསོ་རེག་ཏུ་མ་བཅུག་པར་སློབ་བྱོལ་བྱས་པའི་གནས་ཚུལ་ཡོད་ན་ཞང་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་བདའ་འདེད་བྱེད་པ་དང་ཁྲིམས་ལུགས་ཀྱི་འགན་འཁུར་དགོས། ཞང་དང་གྲོང་རྡལ་སློབ་གྲྭ་ཁག་གིས་སློབ་གྲྭར་འགྲོ་རྒྱུ་ཕྱིར་འགྱངས་བྱ་རྒྱུའི་རེ་ཞུའི་ཡི་གེ་འཁྱེར་ནས་ཆོག་མཆན་ཐོབ་པའི་སློབ་ལོ་ལས་བརྒལ་བའི་བྱིས་པ་བསྡུ་ལེན་ཧུར་ཐག་བྱ་དགོས།
(ལྔ།)རིན་བསྡུ་བྱེད་ལས་ཚད་ལྡན་དུ་གཏོང་བ།
རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་སྟེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མར་སློབ་ཡོན་སྣ་ཚོགས་མི་དགོས་པ་དང་སློབ་དེབ་ལ་རིན་མི་ལེན་པར་མཁོ་སྤོད་བྱ་དགོས། སློབ་གྲྭ་གང་འདྲ་ཞིག་ཡིན་རུང་ཁ་གཡར་ནས་སྲིད་ཇུས་ཀྱིས་གཏན་འབེབས་བྱས་པའི་ལས་གཞི་དང་ཚད་གཞི་ལས་བརྒལ་བའི་དངུལ་ཅི་ཡང་བསྡུ་མི་ཆོག
(དྲུག)སྤྲོ་སྣང་ལྡན་པའི་སློབ་བསྡུ་རྒྱུན་འཁྱོངས་བྱ་དགོས།
སློབ་གྲྭ་ཁག་གིས་གཏུགས་གཤེར་དང་རྒྱུ་མཚན་ཞུ་འབུལ་ཐེར་འདོན་གྱི་ཐབས་ལམ་ཤར་སྟོང་ཐུབ་པ་བྱས་ཏེ། སློབ་མ་བསྡུ་བའི་སྲིད་ཇུས་དང་སློབ་བསྡུའི་ཁྱབ་ཁོངས། སློབ་བསྡུའི་འཆར་གཞི། སློབ་བསྡུའི་གོ་རིམ། སློབ་བསྡུའི་མཇུག་འབྲས། བློ་འདྲིའི་ཐབས་ལམ་སོགས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཏེ།“ལྐོག་ཇུས་གཡོ་བཟོ”དང་།“རྩེ་གྲས་སློབ་བསྡུའི”སྣང་ཚུལ་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ཏེ། རྫོང་སློབ་གསོ་ཅུའུ་ཡིས་གོ་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་བསྡུའི་བྱ་བ་དྲང་བདེན་དྲང་བཞག་གིས་འགན་ལེན་བྱ་རྒྱུ་ཡིན། འོས་འགན་སློབ་གསོའི་སློབ་བསྡུའི་ལས་དོན་དེ་རྒྱ་ཆེའི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པས། སློབ་གྲྭ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཆབ་སྲིད་ཀྱི་གོ་གནས་མཐོ་རུ་གཏོང་བ། འོས་འགན་སློབ་གསོའི་འགན་འཁྲི་ཤུགས་ཆེར་གཏོང་བ། བཅའ་ཁྲིམས་ལྟར་འགན་འཁྲི་དང་དུ་ལེན་པ། སློབ་གསོའི་ཐོན་ཁུངས་གཅིག་བསྡུས་ཀྱིས་འཆར་འགོད་བྱེད་པ། སློབ་ལོ་རན་པའི་བྱིས་པ་ཡོངས་འོས་འགན་སློབ་ཞུགས་ཐུབ་པར་འགན་སྲུང་བྱ་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྡེ་ཁག་གིས་སློབ་བསྡུ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་བོར་ཞུགས་ཏེ་ལྟ་སྐུལ་བྱེད་པ་དང་། སྲིད་ཇུས་ཀྱི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱ་དགོས།
རྨ་ཆུ་རྫོང་སློབ་གསོ་ཅུའུ།
སྤྱི་ལོ2025ལོའི་ཟླ6ཚེས26ཉིན
来源:玛曲县教育局


